05 February 2013

Interesting Respond from a Reader


Following is an email from a reader, Namgay Thinley, who shares very good insight on Dzongkha and technology relationship. He wrote it in Dzongkha so that his words carry their weight through. You should have dzongkha fonts installed on your device to read the following:

སློབ་པ་སངས་མཆོག
ཞུ་དོན། ད་རེས་ཁམས་ཅིག་ཁར་ ང་གིས་ངོ་ཤེས་མི་ཆ་རོགས་ཅིག་གིས་ ཁྱོད་ཀྱི་བཟོ་ཡོད་མི་ སྒེར་གི་ཡོངས་འབྲེལ་ནང་མཐུད་བྱིན་ཡོད། དེ་ནང་ཁྱོད་ཀྱི་ཁ་ཐུག་ལས་ རྫོང་ཁ་དང་ ཨེ་མ་སྐོར་ལས་བྲིས་མི་འདི་ བསམ་འཆར་ལེགས་ཤོམ་ཅིག་ཨིན་པས་ཟེར་ཞུ་ནི། དེ་ནང་ང་ར་ལས་ ག་ཤེས་མི་ཅིག་ ཁྱོད་དང་ཁྱོད་རའི་སློབ་གྲྭའི་སློབ་དཔོན་ཆ་རོགས་ཚུ་ལུ་ཕན་པ་ཅིན་མནོ་སྟེ་ བྲི་དོ་ཟེར་ཞུ་ནི། མ་གཞི་ ང་ར་འདི་གློག་རིག་ནང་ མཁས་པ་ཅིག་མེན་འདི་འབད་རུང་ ད་རེས་ནངས་པར་ རྫོང་ཁ་ནང་ཡང་ གློག་རིག་གི་མཐུན་རྐྱེན་འདི་ལེ་ཤ་གི་ར་ གོང་འཕེལ་འགྱོ་ས་མཐོང་ཅིག  གཤམ་འཁོད་ ཡོངས་འབྲེལ་འཆར་སྒོ་ནང་ གཟིགས་པ་ཅིན་ ཕན་པའི་མཐུན་རྐྱེན་རེ་འཐོབ་ཚུགས་མནོ་སྟེ་ཕུལ་དོ
 
ད་རེས་ནངས་པ་ རྒྱལ་ཁབ་ནང་མི་ལ་ལུ་ཅིག་གི་ ཝི་ཀི་པི་ཌི་ཡ་ནང་ཡང་ རྫོང་ཁ་བཙུགས་ས་མཐོང་ཅིག་ དེ་འབདཝ་ད་ཁོང་ལུ་ ཆ་རོགས་འབད་དགོཔ་ལེ་ཤ་མཐོངམ་མས། ཆ་རོགས་འབད་དགོཔ་འདི་ཡང་ གཙོ་བོ་ གནད་དོན་དང་ གནས་ཚུལ་ཚུ་མངམ་མེད་པའི་དཀའ་ངལ་འདུག་ཟེར་མནོཝ་མས། 
http://dz.wikipedia.org/wiki/ྫོང་ཁ་

ང་ར་ལས་ མིང་ཚིག་གསར་རྩོམ་སྐོར་ལས་ དུམ་གྲ་ཅིག་ཞུ་བ་ཅིན་ ང་བཅས་རྫོང་ཁ་ལུ་ མིང་ཚིག་གསར་རྩོམ་ལེ་ཤ་འབད་དགོཔ་འདུག་ཟེར་མནོཝ་མས། དང་པ་ རྫོང་ཁ་འདི་རྒྱལ་ཡོངས་ཁ་སྐད་ཅིག་འབད་བ་ལས་བརྟེན། གཉིས་པ་ རྒྱལ་ཡོངས་ཁ་སྐད་འབདཝ་ལས་ མིང་ཚིག་ལངམ་མེད་པ་ཅིན་ རོགས་ཀྱི་ཁ་སླ་སྲེ་སྟེ་སླབ་དགོཔ་འཐོན་ནི་ཉེན་ཁ་འདུག  མ་པ་མིང་ཚིག་གསརཔ་འདི་ འགོ་དང་པ་གོཝ་ད་ དགོད་བྲ་སི་སི་སྦེ་གོ་རུང་ ཤུལ་ལས་གོམས་འདྲིས་ཚུད་པའི་བསྒང་ལས་ ལེགས་ཤོམ་མཐོང་འོང་མེ་ན། དཔྱེ་ཅིག་སླབ་པ་ཅིན་ ད་རེས་ཁམས་ཅིག་ཁར་ ཨ་མི་རི་ཀ་ལུ་ སྔོན་མ་ལས་ཡལ་ཡོད་མི་ ཙི་ཙི་དམརམོ་ཅིག་ མཁས་པ་ཚུ་གིས་ འཐོབ་ཡོད་མི་འདི་ ད་རེས་ཀྱི་ཁོང་རའི་སྲིད་བློན་ཨོ་བཱ་མ་གི་མིང་བཙུགས་ཏེ་ མིང་ཡང་ Obamadon ཟེར་བཏགས༌མི་འདི་ མ་བདེ་ཁག་ཁ་སྦེ་གོ་རུང་ ལོ་དག་པ་ཅིག་གི་ཤུལ་ལས་ ལེགས་ཤོམ་སྦེ་གོ་འོང་མནོཝ་མས། 
བཀྲ་ཤིས་བདེ་ལེགས།
རྣམ་རྒྱལ།

Thank you Namgay for writing to me, I hope this will go on to help lots of people besides me. And I also hope you don't mind me posting your email message here!

2 comments:

  1. interesting...can't imagine the pain and effort that he took to write it in dzongkha....:)

    ReplyDelete

Your thoughts on this post;